Friday, August 21, 2026

རང་བཙན། མི་ཨེ་ཡོད་ད།



དྲོ་སོབ་སོབ།

གང་ཡང་བློས་བཏང་མི་དགོས་པར་དེ་ཐོབ་ཐུབ་བམ། 

དེ་བས་དངོས་བབ་དང་མཐུན་པའི་འཆར་སྣང་གོ་རིམ་གང་ཡང་མེད་པར། 

རང་བཙན། 

ང་ཚོའི་ཐོབ་ཐང་ཡིན་མོད། 

འོན་ཀྱང་། དེ་ནི་བཙན་གྱིས་ཕྲོག་པའི་གཅེས་ནོར་ཞིག་བཞིན། 

ཀྱེ་མ། དེ་ཡང་སྟབས་གཏན་ནས་མི་ལེགས་པ་ཞིག་ལ། 

ཀྱེ་མ། དེ་ཡང་གཟུ་བོའི་དཔང་པོ་འཛུགས་སའི་མི་ཆོས་ཀྱི་ཁྲིམས་རྭ་མེད་པའི་དུས་རབས་ད་ལྟར། 

གཡོ་སྒྱུ་མགོ་གཉིས་ཀྱི་དེང་གི་དུས་རབས་འདིར། 

གློ་མ་ཉེ་ནའང་ཉེ་ཁུལ་གྱི་དུས་འདིར། 

སྙིང་མེད་ནའང་ཡོད་ཁུལ་གྱི་དུས་འདིར། 

ཤ་མ་ཚ་ནའང་ཚ་ཁུལ་གྱི་དུས་འདིར། 

མ་རབ་ཐ་ཞན་གྱི་དེང་གི་དུས་འདིར། 


གློ་ཉེ་ལགས། 

འུ་ཅག་ལ་རང་བཙན་ལོས་དགོས་མོད། 

འོན་ཀྱང་། ཇི་ལྟར་ཏེ་འདི་ལྟའི་གཡོ་སྒྱུ་ལས་ཇི་ལྟར།

རྔམ་སྟོན་ཁྲོམ་སྐོར་ཙམ་གྱིས་དེ་ཟིལ་གནོན་ཐུབ་བམ།

མ་ཐུབ་ན། གང་ལས། ད་རུང་ནམ་ཞིག་གི་བར། 

ད་ལྟའི་དངོས་གནས་ནི་བོད་པའི་ཕྲུ་གུ་དང་གཞོན་སྐྱེས་རྣམས་ནི། 

སྒྷུར་བཞིན་པ་ལས་འགྱུར་བཞིན་པ་ལྟ་བུའི་བང་རྩལ་ལ་རེག་ཟིན་འདུག

དེ་ཡང་རང་དང་རང་གི་ལས་གཞན་དང་གཞན་གྱི་ཚུགས་ཀ་ཞིག་ཏུ།


གློ་ཉེ་ལགས།

དེས་ན་མྱུར་སྐྱོབ་ཀྱི་ཐབས་ཤིག་ཡོད་པ་དེ་མི་དྲག་གམ།

དེས་ཀྱང་གང་བྱས་ཡོད་ཅེས་ཁ་ནང་ལྟའི་དྲི་མདའ་འདྲ་འཕེན་ན།

འོ་ན། གཉིས་ཕན་གྱི་ཐབས་ཤིག་གིས་མི་ནུས་ན།

རང་གཙོར་བཟུང་ཞིག་གིས་ཇི་ལྟར་ཏེ་ཅི་ལྟར་ནུས་ལགས།

ཁ་གསལ་གོ་རིམ་ལྡན་པའི་མྱུར་སྐྱོབ་ཀྱི་ཐབས་ཤིག་དགོས་པ་ནི།

ངེད་ཅག་གི་འཆི་གསོན་ལྟ་བུའི་ཆེས་ཛ་དྲག་གི་གནས་སྟངས་ཏེ།

དམྱལ་བ་མི་ཡུལ་ལྟ་བུ་དེ་ལས་ཐར་བའི་དགོས་མཁོ་འབའ་ཞིག་ལགས་སོ།།


མི་ཨེ་རེད།

མི་ཨེ་ཡོད་ད།

མི།


No comments:

Post a Comment