Friday, April 16, 2021

ཐུགས་རྗེ་ཆེ་༸རྒྱལ་བ་ཀརྨ་མཆོག


༸རྒྱལ་བ་ཀརྨ་མཆོག་ནས་འདི་ལྟའི་བཀའ་སློབ་ལམ་སྟོན་དུས་ཐོག་ཆར་བཞིན་ཕེབས་པས་དད་པའི་སྤུ་ལོང་གཡོ་བར་བྱེད། སྐྱབས་སུ་མཆིས་ཤིང་བརྩེ་བས་ཚུར་མཐོང་བ་བོད་འབངས་དག་རྗེས་སུ་འཛིན་དུ་གསོལ། ད་ནི་ཆེས་སྙིགས་པའི་དུས་ཏེ་འདོད་བཟི་འགྲན་རྩོད་འཁྲུག་ཆ་ཆེ་བའི་སྐབས་ཡིན་པས་སོ། །གཉེན་འདྲ་སྐྱོང་བར་ཞེན་ཞིང་རྣམ་རྟོག་རྒྱ་ཡིས་སྤྲོས་པའི་དགྲ་འདུལ་བར་ཞེན་ནས་དོན་དུ་ནང་ཁུལ་དུ་ངར་ངར་བརྗིད་བརྗིད་འདྲ་མངོན་ཙམ་ལས་ཕྱིར་བུད་མུར་ཐ་ན་སྐད་ཡིག་ཅིག་གི་ཆུད་ཚད་ཀྱང་མ་ལོན་པས་ཁ་ལྐུག་ལྟ་བུའི་བརྟུལ་ཞུགས་འཆང་བ་ལ་ནི་ཡུད་ཙམ་ཡང་མནོ་བསམ་གཏོང་ཤེས་མཁན་ཆེས་དཀོན་པའི་དུས་འདིར། ཕྱོགས་གཅིག་ནས་ཐབས་སྐྱོ་བ་ཞིག་ལ། བྱ་སྤྱོད་འདི་ལྟ་བུ་ནི་ཁོང་ཁྲོ་གཡག་ལ་ཟ། རྡོག་རྒྱག་ལུག་ལ་གཞུས་ལྟ་བུའི་དཔེ་ལྟ་བུའམ། ཡང་ན་ཁྲོམ་པའི་སྦལ་བའི་བྱ་སྤྱོད་ལྟ་བུ་ལས་གཞན་མ་མཐོང་ན། ཤེས་ཡོན་གོ་རྟོགས་མཐོང་རྒྱ་ཡ་རབ་སྤྱོད་བཟང་ལས་དོན་ལྡན་གྱི་མི་ཚེ་ཇི་ལྟར་སྐྱེལ་བའི་ཐབས་དང་འབྲེལ་བའི་བཀའ་སློབ་ཟབ་མོ་འདི་ལྟ་བུ་དུས་ནས་དུས་སུ་གནང་སྐྱོང་ཡོང་བ་ཅི་ནས་མཁྱཻན། མཁྱེན། མཁྱེན་ནོ།།