གཞི་རྟེན་བརྟན་པའི་རང་བློས་བཏང་བའི་ཉམས་ལེན་ནམ་བསམ་བློའི་རྨང་གཞི་ཞིག་མཆིས་ན་ཕུད། གཞན་དེང་གི་དུས་སུ་མགོ་འགྱེད་དཔུང་པ་མཉམ་གཤིབ་ལས་རང་དོན་བསམ་བརྗོད་ལས་མ་ཕོད་ན་ཚར་བ་བཞིན། ང་ཚོའི་བཟང་བཟང་གི་༼ནང་འགྲིག་༽ཅེས་པ་དེ་ཡང་ཚར་བར་བྱེད་པའི་རྟགས་ཤིག་མིན་ནམ། དེས་ན་རྒྱལ་ཁྲིམས་གང་ལས་དགོས་སམ། དེས་ན་རང་དབང་དམངས་གཙོ་མི་བུ་སྒེར་གྱི་ཐོབ་ཐང་སྟེ་བསམ་བརྗོད་འཚོ་གསུམ་གང་ལས་དགོས། བསྐལ་བ་རྙིང་པའི་སྐབས་ཀྱི་ཀླ་ཀློའི་རྩུབ་སྤྱོད་ལས་སུ་ཤེད་ཆེ་བའམ་དཔུང་ཆེ་ན་གཉའ་གནོན་པའི་ཕལ་བའི་ལྷན་སྐྱེས་ཀྱི་དཔའ་སྙིང་མེད་པའི ལས་འཆལ་དག་གང་ལས་ཁྲིམས་ཀྱིས་སྡོམ་པར་བྱེད། འཇིགས་སྐུལ་རིང་ལུགས་ཆེད་གང་ལས་ཆེད་དུ་བཅའ་ཁྲིམས་གཏན་ལ་ཕབ་བམ། ཧ་ལས་ཡ་རེད། དེ་ཡང་རང་དབང་དམངས་གཙོའི་ལུང་པར། དེ་ཡང་རང་གི་རིགས་འགས་རང་རིགས་གཅིག་ལ། དེས་ན་ང་ཚོའི་རྩ་དོན་ལ་ཕུགས་དོན་ཞིག་ཡོད་དམ། ཡུལ་གྱར་བའི་གནས་སྟངས་འདི་ན། ཆེས་ཐབས་སྡུག་པའི་བཙན་བྱོལ་གྱི་གནས་སྟངས་འདིར། དོན་ཆུང་ཞིག་གི་ཆེད། ཧ་ལས་ཡ་རེད། དངོས་གནས་ངོ་ཚ་འདི་ལས་ཆེ་བ་གང་ན་ཡོད། མཐོང་མྱོང་། ཕལ་བའི་ཀླ་ཀློའི་རྩུབ་སྤྱོད་འདི་ལྟ་བུ། དེ་ཡང་དམིགས་བསལ་༢༠༡༡ལོའི་འོས་འགྲན་ནས་བཟུང་། ད་རྫུན་བཤད་ན་སུས་ཡིད་ཆེས་སྲིད་དམ། ཉེ་ལམ་ནེའུ་ཡོག་དུས་བབ་ཐོག་ཐོན་པའི་རྩོམ་དོན་ལ་མི་བདེན་ཚུལ་ཇི་ལྟར་སྒྲུབ་ཐུབ་བམ། ང་རྟག་ཏུ་ཧ་ལས་ས་ནི་ནང་མ་གཏོགས་ཕྱིར་ཞི་མི་འདྲ་བ་གང་འདྲ་བྱས་ན་ཆགས་པ་ཡིན་ནམ།
Friday, July 26, 2019
ང་ཚོ་ད་དུང་གཉིད་མ་སད་དམ།

Subscribe to:
Post Comments (Atom)
-
Introduction Tibet, which is sandwiched between the two giants of Asia, to the south the mighty Himalayas formed a natural boundary with In...
-
March 5, 2011. Happy Tibetan New Year! Losar La Tashi Delek , the wish-fulfilling greeting mouthing at high pitch voices can be heard in...
-
Dedicated for Thank You India : Tibet experiences 50 years in exile (Re-post/Updated Version of the same post at the beginning of this bl...
No comments:
Post a Comment