Sunday, October 15, 2017

ངས་དྲན་ཚོད་ལ།

ངས་དྲན་ཚོད་ལ།
དུས་ཤིག་ལ།
བྱེས་སུ་རང་དབང་ཚོར་སྐྱེན་གྱི་ལྟེང་ཀ་འཕྱུར་བའི་སྐབས།
གཞིས་སུ་འདི་འབྲེལ་བསམ་སྦྱོར་ཐང་དུ་འགྲེམ་སྐབས།
ངེད་ཅག་གི་བླ་མས་གསུངས་དོན།

ང་ཚོ་མི་འགའ་གཡས་མཆོངས་གཡོན་མཆོངས་པས་ང་ཚོའི་གནད་དོན་སེལ་མི་ཐུབ།

ད་ལྷག་བསྡད་ཡོད་པའི་ཐབས་ཅིག་རང་ནི།
བལྟས་པ་མཐོང་ཐུབ་དགོས་པ།
ཚོར་བ་མྱོང་ཤེས་དགོས་པ།
མྱངས་པར་རྗོད་བྱེད་ཀྱི་ཐབས་དགོས་པ།
དེ་ཡང་རང་གི་རིག་གནས་ཀྱིས་རྒྱས་བཏབ་པ་ཞིག
དཔེར་ན་དམིགས་མེད་ཀྱིས་རྒྱས་བཏབ་པའི་དགེ་སྦྱོར་བཞིན།
དེ་ནས་ད་གཟོད་རྗོད་བྱེད་ཐབས་ཀྱི་མཚོན་ཐོགས་པས་ངང་མདུན་དུ་སྐྱོད་དགོས་པ་དེ་རེད་སྙམ།

ད་ལྟ་ང་ཚོར་གཞི་རིམ་རྗོད་བྱེད་ཀྱི་ཐབས་རང་མེད།
གང་ལས།
རང་གི་ཁྱད་དུ་འཕགས་མིའི་རྣམ་དཔྱོད་ས་བོན་ཧ་ལམ་བག་ལ་ཞ།
ལད་མོ་འདྲ་བྱེད་ཤེས་པ་ནི་དུས་གཡོལ་ཐབས་སྣ་ཚོགས་སུ་གཞོལ་བ་དེ་རེད།
འདི་ནི་ཆེས་གླེན་ཅིང་ལྐུགས་པས་ཀྱང་ཤེས།

ལྟོ་གོས་ཁྱིམ་གཞིའི་འཚོ་ཐབས་ཙམ་འགྲིག་པས་ཀྱང་ག་ལ་འདང་ངེས།
ཅིའི་ཕྱིར།
ང་ཚོ་ནི་མི་རིགས་གཞན་ཞིག་འདྲ་བ་མིན་པས་སོ། །
མདོར་ན།
རང་དབང་དགོས་ན།
རྣམ་དཔྱོད་ཀྱི་ས་བོན་ལས་གཟུ་བོར་གནས་པའི་རིག་པའི་མྱུ་གུ་འབུས་དགོས།

No comments:

Post a Comment