Wednesday, May 10, 2017

མུན་པའི་མདའ།

ལྷབ་ལྷུབ་ཏུ་འབབ་བཞིན་པའི་ཁ་བའི་འདབ་མ།
ཟེགས་མའི་རེག་པ་བསིལ་ཡང་གཅེས་ལང་ཀྱི་ཚོར་བ་ཙམ། 
གྲང་འདར་ངས་འདོད་དམ།
ཚིག་རྣོ་བའི་དུཿཁཾའི་གཏམ་ལང་ལོང་།
དྲང་དྲང་ཅ་ཅོས་བ་སྤུ་སློང་ཡང་བདེ་ཐང་སྐབས་ཀྱི་འཆི་གཏམ་ཙམ།
ཐབས་སྡུག་པའི་འཁང་ར་ཞིག་ཀྱང་ཡིན་སྲིད།
བདག་པས་གཞན་ངོ་མ་གཅེས་ཐུབ་བམ།
བློས་ངོ་མ་གཏང་ཐུབ་བམ།

ད་དངོས་གནས་ཆ་མ་འཚལ།
ང་འདིར་འཕངས་པ་ནས་ཁྱེད་ཀྱི་འགྲིག་མདོག
ཁྱེད་ལ་ཡོད་ཚུལ་ནས་འགྱིང་ཉམས།
དངོས་གནས་གྲུ་བཞི་གྱང་སྟོང་ནང་ཚང་མ་གཞན་ཞིག་སྟེ།
བྱམས་པའི་འོད་མདའ་ལགས།
གསལ་ཙམ་གནང་རོགས།
འདི་འདྲ་ཡིན་མི་སྲིད། ད་ནས་གཏན་དུ་ཡ་མ་ཆ་བདོ་བའི་སྐབས།
ཆེ་རུ་འདི་ལྟར་མ་བཟོ་རོགས།
གནས་ལུགས་ལ་གཏན་ཚིགས་ཡོད་ལོས་ཆེ།

ད་ལྟའི་འདི་ཧ་ལམ་རང་ཆེར་འཛིན་གྱི་སྦོམ་ཉམས་ཙམ།
'སྤྱི་ཚོགས་དྲ་བའི'འགྲོས་ལས་ཆས་པའི་ཚུལ་འཆོས་ཙམ།
དངོས་སུ་ད་དུང་ཀླ་ཀློ་རང་ཡིན་མི་སྲིད།
དཔེར་ན། བློ་ཁོག་མེད་པ་ལ་ཡོད་མདོག་ཙམ།
རྒོལ་བའི་བྱ་སྤྱོད་ཡུད་ཙམ་གྱིས་རང་ཚུགས་མངོན་ཡོང་།
དེ་ཡང་རྟགས་བཟང་ཞིག་རེད་སྙམ།

ཧ་ལམ་དེ་ཙམ་ཡིན། རེད། ཅི་སྟེ་སྟབས་འདྲ་འགྲིག་ན།
ཁམས་འདྲ་ཐང་ན། བཟོད་གསོལ་ཡོད་པ་འཚལ།
ངའི་ཚིག་ལ་མིན། ང་ལ་མིན།
མཁྱེན་གསལ་ལྟར་དེ་དག་དངོས་གནས་ངས་མི་རྙེད།
དེས་ན། རང་བཞིན་འདིའི་ཕྱིར།
ཉིན་སུམ་བརྒྱ་རེ་ལྔ་ཅན་བཅུ་ཕྲག་སྐོར་ལས་འགའ་ལྷག་ནང་།
ཨོ་ཝེ། རེད། ཡང་ཚུལ་ཙམ་འཛིན་ཐལ་སོང་།

དགོངས་དག

No comments:

Post a Comment