Thursday, January 22, 2015

སླར་སྐད་ངན་ཐེངས་གཅིག

ད་ནི་ཀུན་ཚོང་རྫས་དང་།
ཡོད་ཚད་འདི་ནས་དབུགས་དེ་མ་ཆད་བར་ཙམ།          
ཁག་ག་ལ་ཡོད།          
ལྟད་མོ་མདུན་བཤམས་ལ་སུས་མི་སྨོན།          
ངན་ངོན་ཙམ་སུས་འདོད།          
བརྩེ་བ། ཀྱེ་མ།          
ཨ་གསར་མེ་ལྕེའི་མྱུར་སྐྱེན།          
ཚུལ་འཆོས་ལྕེ་རྩེའི་ལས་རྒྱུ་འབྲས།          
ཁག་མེད།          
རང་རིགས་ལགས། ཁག་མེད།  
སྟངས་སྟབས་དེའི་རྗེས་མ་སྙེག་དཀའ་མེད།        
ད་དེ་ཡང་་་་ཆེས་སྐྱིད་སྐབས་ཀྱི་གཏམ་སྙན་་་་་་ཚོང་རྫས་ཁོ་ན་སྟེ།          
སུ་འཇོན་སྡུག་ཕྱུག་ན་དེར།          
དེས་ན་སྤོབས་པ་སྨུག་པོ་ཞིག་གིས་མ་གཏོགས།          
གྱེས་མཚམས་མེད་ལ། སྤྲེལ་མཚམས་ཡང་མེད།          
རང་དབང་། རང་ཆེས་གཅེས་རང་དབང་། མདུན་གི་དོང་ནག་ཕྱོགས་སུ།          
ལྷད་མེད་གཞན་གཅེས་ལགས།          
ཐག་རིང་ཐག་རིང་ནས།          
སྣང་བའི་འོད་མདའ་མག་མོག་ཀྱང་།          
གཏན་དུ་གསལ་རོགས།          
གཏན་དུ་གསལ་རོགས།

No comments:

Post a Comment