Friday, April 1, 2011

Blind Arrow


སྟོང་མདའ།

སེམས་ཟམ་པའི་སྣང་བའི་མཐོངས་སུ།།
ཕྱོགས་ངེས་མེད་ཀུན་རྟོག་འཚུབ་མའི།།
རྒྱུ་འགག་མེད་ལྡབ་ལྡིབ་ཚིག་སྣེ།།
འདི་རང་བབ་ངེས་ཚིགས་ཀུན་འཆལ།།

ད་བསམ་གཞིག་རྒྱ་ལ་ཚུད་པ།།
གྲོལ་ཟེར་བ་རྩེ་ཅིག་རྒྱང་བཞུད།།
སྣེ་ཟིན་དཀའ་འཁྱུག་གློག་ར་མདའ།།
ཡོངས་བློས་བཏང་གསོ་དལ་ཞིག་ཕྱིན།།

སྟོང་དོན་གྱིས་སྟོང་བའི་སྟོང་བསམ།།
འདུན་རེ་བའི་མདུན་མར་བཅང་བའི།།
གཅེས་འཇའ་ཚོན་རྣམ་པའི་སེམས་གཏམ།།
མཐའ་མངོན་འབུར་དོན་ཞིག་ཨེ་ཡོད།།

འདུ་ཟང་ཟིང་དོ་རའི་སྨྱོས་གཏམ།།
རིན་མེད་ཀྱང་ལོག་འཕྱན་ལམ་ཡིག།
བཤོལ་དམ་དོན་བར་བར་རང་ཚུགས།།
བསྐྱར་འདི་ཟློས་དེ་ཟློས་སྐྱ་ལམ།།

བསུན་ཟེར་ན་གང་ལས་དེར་འཐམ།།
ཐབས་ཁྱད་གསོད་ཚུལ་འཆོས་ལས་དེ།།
དེར་ངེས་འབྱུང་སྤུ་སུད་ལོས་ཟེར།།
ད་རྙོག་གཏམ་མ་གླེང་བགྲད་ཅིག།

No comments:

Post a Comment