དུས་ཀྱི་འཕྲིན་ལས།
༼༢༠༡༡།༡།༣༡༌༌༌༌༌༌༌༢།༧ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་གར་དུ་ཆིབས་ཞབས་བཀྲིས་རི་མོ་མངོན་པར་བཀོད་པར།༽
ངལ་རྩོལ་མེད་པའི་ངལ་དུབ་ལྗིད་ཏིག་ཏིག
འཆར་ནུབ་རྫོགས་མེད་ཀྱི་རེ་བའི་སྣེ་མོ།
རང་བསླུས་འཛད་མེད་བསམ་གཞིག་ལྟེབ་མོ།
དེ་ལྟར་སྣང་བ་བྲལ་བའི་མུན་པའི་མཐོངས།
ཧབ་རྙོབ་རྗེས་སུ་འགྲོ་བའི་དུཿཁའི་བྱིངས།
སྨྱོས་པའི་གར་སྟབས་འཕུང་དབྱངས་སུ་འཁྱུུད།
ཅི་བྱ་རང་ཚུགས་བྲི་བའི་འཕྱན་པའི་མཚམས་སྐེད།
གང་ཉིད་འཆར་ཀའི་ཉི་གཞོན་ཀློང་རྡོལ་མགོན།
དེའི་སྨག་རུམ་སྒྲོན་གསལ་ངལ་གསོའི་དབུགས་འབྱིན།
སླར་གསོན་ཤུགས་ཤིག་བསླངས་པའི་སོ་མའི་རྩེ་དགར།
འཇུག་འགོའི་དགེ་ཞེན་འདི་ནས་བཙུགས་ལ་དེ་གར།
དབུགས་འཁྱོངས་འདུན་པའི་ཕོ་ཉས་ཨ་གསར་ཚུལ་དུ།
ཁྱོད་ཀྱིས་ནུས་ཤིང་། འོ་ད་ཧ་ལམ་ཕྱི་དྲགས་པ་ལས་སྔ་མེད།

No comments:
Post a Comment