སྟོང་འདས།
ཡུད་ཙན་ཡིན་པ་ནི་འདིའི་ཆོས་ཉིད་ལས་མ་འགོངས།
གནས་ལུགས་དེའི་བསེར་བུའི་མཐུས་སེམས་མི་འགོངས།
འཁྱག་སིབ་སིབ་ནི་ད་ནངས་ཀྱི་བུ་ཡུག་གི་ཤུལ་རྗེས།
གཅེར་བུར་ལུས་པ་དེས་ཚོར་ཡང་མདུན་གྱི་བཀོད་པས་བསླུས།
གོམ་སྟབས་ཤིག་བསྒྲིགས་ཀྱང་འཁྱར་འཁྱོར་ཞུམ་ཞུམ།
མགོ་འཕང་ཡར་བཀྱེད་ཀྱང་སྣང་བ་རྗེན་མེར་མེར་རམ།
སྐྱ་ལྷང་ལྷང་ལས་ད་དུང་ཚུལ་འཆོས་ཀྱི་ཚེམས་དཀར་རྒོད།
དེ་ལས་དགོད་བྲོ་བ་ཞིག་གང་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཁོང་དགོད།
རང་འཚོལ་བའི་ལས་སྣེའི་བཞུད་ལམ་ནི་ཅི་ཙམ་རྒྱང་ཐག
འོན་ཀྱང་། ད་དུང་འཁྲེན་སེམས་མགོ་མཁྲེགས་དེ་ལྟར་ལྷག
ཚང་ཚིང་སྟུག་པོའོ་ཁྲོད་འཐོམ་སིང་སིང་གི་ཟུག་ཟེར་རྣོན་པོ།
ངས་སྡུག་སྒོམ་ཅི་ཙམ་བགྱིས་ཀྱང་ཁྲེལ་མེད་ལྟར་༌༌༌༌༌༌༌ཨུ་ཧོ།
Saturday, January 1, 2011
Subscribe to:
Post Comments (Atom)
-
Introduction Tibet, which is sandwiched between the two giants of Asia, to the south the mighty Himalayas formed a natural boundary with In...
-
March 5, 2011. Happy Tibetan New Year! Losar La Tashi Delek , the wish-fulfilling greeting mouthing at high pitch voices can be heard in...
-
Dedicated for Thank You India : Tibet experiences 50 years in exile (Re-post/Updated Version of the same post at the beginning of this bl...
No comments:
Post a Comment