མ་ངུ་རོགས།
མཐུན་འཆམ་མིན་འདུག་མ་གསུངས། མཐུན་འཆམ་སྒོར་མོ་ཡོད་ན་ཡོད་ཤག རྡོག་རྩ་ཆིག་སྒྲིལ་གནང་རོགས་མ་གསུངས།
ད་གནས་སྟངས་སྐྱ་ལྷང་ལྷང་འདི་ལྟའི་སྐབས་མེད་ན། ནམ་ཡོང་སྲིད། སློབ་དཔོན་གྱིས་གསུངས་པ་བཞིན།
མཐར་འདོད་པའི་ཕྱོགས་སུ་སོང་དྲགས་པས་འགྱུར་བ་ལས་དུས་མིན་པ། གཟུར་གནས་རིག་པ་མེད་ན། འདི་རེད།
ད་ཞུ་བ་འཐེན་ནས་ཨེ་ཡོང་།
མ་ངུ་རོགས།
གཞིས་ལུས་སྤུན་ཟླ་རྣམ་པ་ད་དུང་པུར་རྒྱལ་གྱི་ལ་སྤོབས་མངའ། ཆེས་ལྷག་ཏུ་མངའ། དངོས་གནས་འཁྲེན་པའི་སེམས་ཤིག་ཡོད་ན།
རང་གི་གཡས་གཡོན་ལ་ཡོད་པའི་གདོང་དམར་རྣམས་ལ་འཛུམ་ཞིག་ཡོད་པ་འཚལ། བཀྲ་ཤིས་བདེ་ལེགས་ཞེས་མི་རིགས་ཀྱི་ཤིས་ཚིག་དེ་སྒྲོགས་རོགས།
མ་ངུ་རོགས།
༸རྒྱལ་བ་མཆོག་ད་དུང་བཞུགས་ཡོད་རེད། སྨོན་ལམ་ཚིག་འགའ་ཐོབས་དང་། ཁོང་སྐུ་ཚེ་བརྟན་ཕྱིར།
ང་ཚོའི་སྣང་བའི་ཉི་མ། དེ་ནས་བྱུང་ན་གསུང་ཆ་ཚང་ཞིག་གསན་རོགས། དོན་མེད་ཀྱི་གློག་བརྙན་ལས།
མ་ངུ་རོགས།
ཐ་ཤལ་གྱི་རང་རིགས་རེ་ཟུང་ཡོད་པར། ཕྱོགས་རིས་ཀྱི་མེ་སྟག་འགའ་གཏོར་བར། བྱིས་པའི་ངང་ཚུལ་ལ་དགོངས་རོགས།
རེད། མཁྱེན་གསལ་བཞིན། རང་དབང་ལུང་པར་ལྟོ་གོས་གཏམ་གྱི་འདམ་རྫབ་ཏུ་ཚུད་པ། རང་དོན་ཡིད་བྱེད་ཀྱི་རྒྱུག་ཐང་ཡངས་པ།
རྒྱུགས་རྒྱུགས་པའི་མཐར་རྙི་འདིར་ཚུད་པ། མཁྲེགས་ན་མཁྲེགས་ཚོད་མེད་པ་ནང་དུ།
སླ་ན་སླ་ཚོད་མེད་པ་ཕྱིར། གཞན་མཁྱེན་གསལ་བཞིན། རང་དབང་གི་ལུང་པ་མིའི་ལུང་པ་རེད། ཡང་རང་དབང་ལུང་པའི་གཅེས་ལང་ནི་དུག་རེད། ཚུལ་འཆོས་ཀྱི་གར་སྟེགས།
མ་ངུ་རོགས།
དེ་ལས་ཆེས་གལ་ཆེ་བ། བར་བར་རང་གིས་རང་ལའང་ཅེར་ལྟ་རེ་གནང་གི་ཡོད་ཤག ཐུགས་རྗེ་ཆེའོ།།